【 寧瑪文殊冬季講座 - 遍空自解脫 圓滿!】期待春季講座再相會。
- cnnma19782016
- 2020年7月26日
- 讀畢需時 1 分鐘
已更新:2020年11月11日

謝謝各位的支持參與,願遍空自解脫發光發熱。😊
༈ ཁྲེགས་ཆོད་ཐོད་རྒལ་ལམ་མཆོག་རྩལ་རྫོགས་ཏེ། །ལྷུན་གྲུབ་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ཅིང་། །མཁྱེན་བརྩེ་ནུས་གསུམ་ཡོན་ཏན་མངོན་མཐོ་བས། །མ་གྱུར་འགྲོ་རྣམས་འདྲེན་པའི་དེད་དཔོན་མཆོག །
立斷頓超勝斷力圓滿,任運四相行持得究竟,
智悲威力增上生功德,引導如母眾生商主勝!
བསྐྱེད་རྫོགས་ལམ་གྱི་ཡོན་ཏན་མཐའ་རུ་ཕྱིན། །སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་མངོན་བྱས་ནས། །རགས་ཕུང་འོད་སྐུར་བཞེངས་པའི་འཇའ་ལུས་པ། །གྲུབ་པའི་དབང་ཕྱུག་པདྨ་བདུད་འདུལ་རྒྱལ། །
究竟生圓妙道諸功德,現證情器諸佛大壇城,
粗蘊轉為光身虹身者,成就自在白瑪鄧登(蓮花伏魔)勝!
བདག་སོགས་ལྟོས་བཅས་ཉམས་ཐག་འགྲོ་རྣམས་ཀྱི། །དད་གསུམ་ཉི་གཞོན་འོད་ཀྱིས་ཆེར་བསྐུལ་བས། །སོར་བཅུའི་ཀུ་མུད་སྙིང་ཁར་ཟུམ་བྱས་ན། །བྱིན་རླབས་སྦྲང་རྩི་མངར་མོ་སྩོལ་ཅིག་ཀྱེ། །
我等眷屬弱小有情眾,三信旭日光明猛策勵,
十指睡蓮心間虔誠合,加持甘甜蜂蜜祈恩賜!
ཀ་དག་སྟོང་ཆེན་ཆོས་སྐུའི་ཀློང་ཡངས་སུ། །མཁྱེན་བརྩེ་འོད་དཀར་མུན་སེལ་དབང་པོ་ཡི། །ལྷུན་གྲུབ་ཐིག་ལེ་འགྲོ་ཁམས་ཡོངས་ཁྱབ་སྟེ། །ཀུན་ཀྱང་བྱང་ཆུབ་ལམ་བཟང་གསལ་བར་སྨོན། །
本淨大空法身廣大界,智悲白光遣除黑暗主,
任運明點周遍眾生界,唯願遍顯菩提善妙道!
ཞེས་པའང་གྲུབ་དབང་གང་གི་བླ་མེད་ཡོན་ཏན་ལ་བསྟོད་ཅིང་སྨོན་ཚིག་བགྱིས་པ་བཞིན་སྲས་བཅས་རྒྱལ་བས་མཐུན་འགྱུར་གནང་བར་ཞུ་ཞུ།།
珠旺(成就自在,白瑪鄧登尊者)無上功德讚頌及願文。
Comentários