top of page

【 振興佛教傳統活動 】 <2021/12 青海熱貢 尼瑪扎巴傳承香薩密院 馬頭金剛大修法會>

已更新:2024年8月24日

* <前言>:佛正法有二,謂教證為體;有持說行者,此便住世間。- 俱舍論


現今在某些國家中,佛法的修持和研究面臨來自政治、經濟和社會的挑戰。為了確保偉大的佛教傳承、學派,以及佛陀教法的存續,本會在臺灣、中國等亞洲渴望獲得佛陀教法和復興佛教傳統的國家,探尋護持佛法研究和修持的機會。


* <熱貢尼扎傳承香薩密院馬頭金剛大修法會>:青海熱貢香薩密院成立於公元 1390 年。 香薩密院為青海熱貢地區僅存的寧瑪派尼瑪扎巴傳承之密咒院。每年農曆 11月初皆舉辦 馬頭金剛教法大修法會。

本會為扶植此珍貴傳承在當地之延續,以及鼓舞參與法會密咒士之願景,每年皆會參贊支持。


2019年本會禮請 尼扎傳承祖古 慈誠塔興仁波切 將珍貴稀少的 “尼瑪扎巴伏藏全集經書” 供養此香薩密院,圓滿其因戰火遺失經書數十年之憾事!院內修士無不歡喜雀躍,目前經書已妥善安放在護法殿內。


在現代實修咒士日漸珍稀的情況下,此事是如此的難能可貴。誠邀各位共襄盛舉!

ཞོང་ཟ་སྔགས་ཁང་བདེ་སྐྱིད་བསམ་གཏན་གླིང། 香薩密院大樂禪定洲簡介:


དེ་ཡང་བཙན་ཕྱུག་གཉན་གསུམ་གྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་སྙན་པའི་འབྲུག་སྟོང་ཕྱོགས་ཀྱི་འཁོར་ལོའི་མཛེས་རྒྱན་དུ་མངོན་པར་ལྡིར་བའི་ཞོང་ཟ་ཚང་ཞེས་གྲགས་པའི་སྡེ་ཚོ་འདིའི་གཙུག་ལག་ཁང་ནི། རབ་བྱུང་བདུན་པའི་ལྕགས་རྟ་སྤྱི་ལོ་༡༣༩༠ལོར་དུས་གསུམ་མཁྱེན་པ་པདྨ་སཾ་བྷ་ཝའི་རྡོ་རྗེའི་ལུང་གིས་བསྔགས་པའི་རྟོགས་ལྡན་འཁྲུལ་ཞིག་གི་རྣལ་འབྱོར་པ་ཆེན་པོ་སྔགས་འཆང་ཛྙཱ་ནའི་མཚན་ཅན་དང་། སྲིད་དོན་ལ་རྣམ་དཔྱོད་མཁའ་ལྟར་ཡངས་པའི་ཨ་མྱེས་ཨ་བོ་ཐར་རྣམ་གཉིས་ཐུགས་དགོངས་གཅིག་འདྲེས་ཀྱིས་རབ་བྱུང་བདུན་པའི་མཇུག་ཙམ་ལ་གསར་བཞེངས་མཛད།


香薩倉(地名)者,物產富饒,地大物博,地勢險要,名聲遠播,冠絕四方。著名香薩密院即座落於此部落境內,是由大瑜伽士阿羌佳那(咒師智慧)於藏歷第七勝生週金馬年,即公元1390年創建。此大瑜伽士,於三世遍智蓮花生大師金剛授記中曾廣為稱讚,謂其具足證悟、通達空性,其將通達政務智慧如虛空之阿聶(地名尊稱)、阿沃太(地名尊稱)二者意趣合而為一。

དེ་ནས་ཐོག་མར་གཟའ་སྐར་དང་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཞིག་ལ། སྔགས་འཆང་དབང་པོ་གང་དེ་དྲེགས་པའི་ཆས་སུ་ཞུགས་ནས་ས་འདུལ་མཛད་དེ་ས་བརྐོས་པའི་ཚེ་སའི་འོག་ནས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་བ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཞིག་ཐོན་པས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་བའི་རྟེན་འབྲེལ་འགྲིག་གསུངས།


最初,根據星曜會遇順逆,擇一圓滿吉日,阿羌旺波(持密王)身著傲慢裝束,舉行淨地儀式,破土之時於地下挖出一具九股天鐵金剛杵,加持之力尚未退失,此者預示密咒金剛乘教法興盛廣大之善妙緣起。


ཤིང་ཆ་ཕལ་ཆེར་གནོད་སྦྱིན་ཛམ་དམར་གྱིས་མཐུན་སྒྲུབ་མཛད་པས། ལྷ་ཁང་གི་ན་བཟའ་ས་རྩི་དམར་པོ་ཕུལ། ཡང་གཙུག་ལགས་ཁང་བཞེངས་གྲུབ་བྱུང་བའི་རྗེས། གྲུབ་དབང་བྱེ་བའི་གཙུག་རྒྱན་དམ་པ་མཁྱེན་བརྩེ་རྡོ་རྗེ་རིན་པོ་ཆེས་རབ་ཏུ་གནས་པར་མཛད་དེ་བདེ་སྐྱིད་བསམ་གཏན་གླིང་ཞེས་མཚན་སྙན་ཕུལ།


大部分建築木材皆由藥叉紅財神隨順成辦,寺院外牆悉皆塗上紅色塗料。寺院竣工之後,由千萬成就自在頂嚴欽哲多傑(智悲金剛)仁波切舉行盛大開光儀式,並為寺院賜名“德吉桑丹林(大樂禪定洲)”。

སྒྲུབ་ཁང་གི་རྟེན་གཙོ་ནི་གྲུབ་ཆེན་ས་ར་ཧའི་སྒོམ་ཐག གནུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱི་དབུ་སྒྲ་སོགས་ནང་རྟེན་དང། སྔར་འཛིན་མའི་ཕང་བ་ནས་ཐོན་པའི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་བ་དེ་ཕྱག་མཚན་དུ་ཕུལ་བའི་གུ་རུ་རིན་པོ་ཆེའི་སྐུ་བརྙན་བྱིན་ཅན་མི་ཚད། གཡས་སུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྒྱ་གར་གྲུབ་ཆེན་ཞིག་གི་སྐུ་ཤམ་ནང་བཞུགས་སུ་ཕུལ་བའི་རྟ་འགྲིན་དྲེགས་པ་ཟིལ་གནོན། གཡོན་དུ་སྒྲོལ་མ་སྔོན་མོ། སེང་གདོང་བདུད་འདུལ་ནག་མོ། མཐའ་བསྐོར་དུ་གུ་རུ་མཚན་བརྒྱད་ཀྱི་གྱན་ཐང་།


禪修堂主要福田所依為:大成就者薩惹哈(刺箭者)之禪修帶、努欽(姓氏)桑傑耶謝(佛智)頭髮等內所依。具加持力之咕如仁波切(蓮師)身像,以破土時所掘九股天鐵金剛杵作為手幟法器。右邊為一印度大成就者所獻之十一面大悲觀音像、以金絲緞包裹之馬頭明王像;左邊為綠度母、黑色伏魔獅面佛母像,四周為蓮師八相唐卡。


སྟེང་ཤོད་ཀྱི་དབུས་སུ་འཇམ་མགོན་བླ་མའི་གྱན་ཐང། གཡས་སུ་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་བཅུ། མཐའ་བསྐོར་དུ་ཨོ་རྒྱན་འཁྲུངས་རབས། གུ་རུ་མཚན་བརྒྱད།སྐྱབས་མགོན་འཁྲུངས་རབས།


上層中央為文殊怙主上師唐卡,右邊為大悲導師十二事業,四周為鄔金蓮師本生、蓮師八相、依怙本生。

ལོགས་སུ་མགོན་ཁང་། གཏེར་ཆེན་ཉི་མ་གྲགས་པའི་གཏེར་ཕུར་སོགས་སྐུ་རྟེན་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་རོ་ཅོག སྔ་འགྱུར་རྒྱུད་འབུམ། ཀློང་ཆེན་མཛོད་མདུན། སྨིང་གླིང་ཉི་གྲགས་སོགས་ཀྱི་གཏེར་ཆོས་མང་པོ་དང་ཉེ་འཁོར་གྱི་རྡོ་འབུམ་ཆེན་པོའི་ནང་དུ་ཆོས་རྗེ་དོན་རིན་པའི་ཕྱག་མཁར་བཅས་བཞུགས་སོ།།


側邊為怙主殿,大伏藏師尼瑪紮巴(日稱)伏藏普巴(鐝)等為身所依。語所依為:甘珠爾全集、前譯十萬續、龍欽(大界)七寶藏,敏林(成熟洲)、尼紮(日稱)等眾多伏藏法。附近有大石經塔,其內有曲傑頓仁巴(法尊寶義)之石堡。


དེ་ནས་རིག་འཛིན་དཔལ་ལྡན་བཀྲ་ཤིས།གྲུབ་པའི་དབང་ཕྱུག་དམ་པ་དཔལ་ཆེན་ནམ་མཁའ་འཇིགས་མེད། བྱ་བཏང་ཚོགས་དྲུག་རང་གྲོལ། ཀོའུ་སྡེ་པཎ་སྔགས་རྡོ་རྗེ་རྣམ་རྒྱལ། འགྲོ་མགོན་ཁྱབ་བརྡལ་ཀློང་ཡངས། ཉང་སྐྱེས་སྣང་མཛད་རྡོ་རྗེ། གཙོས་ཙ་ཡིས་རིན་པོ་ཆེ། དགུ་རོང་སྣ་ཚོགས་རང་གྲོལ་སོགས་དམ་པ་དུ་མས་རིམ་པ་བཞིན་དུ་ཞབས་ཀྱིས་བཅགས་ཞིང་བྱིན་གྱིས་རླབས།


此後,持明貝丹紮西(具德吉祥)、殊勝成就自在貝欽南喀吉美(大吉祥虛空無畏)、捨事措珠讓卓(六聚自解脫)、果協班阿(班智達咒師)多傑南嘉(金剛尊勝)、眾怙卻達龍陽(周遍廣大界)、娘(姓氏)傑囊則多傑(遍照金剛)、古榮(地名)納措讓卓(種種自解脫)等眾多大德,先後來臨,賜以加持!

གཞན་ཡང་རྟེན་དང་བརྟེན་པར་བཅས་ལ་བཀྲ་ཤིས་དང་རབ་གནས་མཛད་པའི་ཚེ། ལྷ་ཁང་གི་ཐད་ཀྱི་ནམ་མཁའ་ནས་འབྲུག་སྒྲ་དང་སྦྲང་ཆར་བབས་པའི་འཕྲོད་འཇའ་འོད་ཐིག་ལེ་ཐིག་ཕྲན་གྱི་རྣམ་པ་མང་པོ་མཐོང་ནས་ཐམས་ཅད་ལ་བཅོས་མིན་གྱི་དད་པ་སྐྱེས་ཞེས་སྔོན་རབས་རྒན་པ་རྣམས་ཀྱི་ཞལ་རྒྱུན་དུ་བཞུགས།


此外,往昔歷代先賢親口傳說:於所依、能依作吉祥開光之時,佛堂上方虛空之中傳來雷鳴之聲,天降甘露妙雨,出現虹光、明點及種種細明點,眾人見已,悉皆生起無偽淨信!


དེ་ནས་ཆོས་ཐོག་གི་རིམ་པ་ནི། ཉང་སྐྱེས་མཚམས་པ་མཆོག་གིས་མཛད་པའི་སྡེ་འདིའི་ལོ་རྒྱུས་དྲི་ཟའི་དབྱངས་སྙན་ལས། མཁས་གྲུབ་ངང་མོ་འདུ་བའི་མཚོ་གླིང། ཆོས་སྲིད་གྲགས་པ་དཀར་པོའི་འབྱུང་ཁུངས། བཤད་སྒྲུབ་དལ་འགྲོ་གཙང་མའི་ཆུ་མགོ་ཞེས་གསུངས་པ་ལྟར། གོས་དཀར་ལྕང་ལོའི་རྒྱན་ལྡན་སྔགས་འཆང་རིག་པ་འཛིན་པ་རྣམས་དང་། སྨད་ཕྱོགས་སྔགས་མང་ཡོངས་ཀྱིས་སྒྲུབ་ཁང་འདིར། བཀའ་བརྒྱད་བདེ་གཤེགས་འདུས་པ། འཕགས་མཆོག་འཁོར་བ་དབྱིངས་སྒྲོལ། སེང་གདོང་བདུལ་འདུལ་ནག་མོ། ཞི་ཁྲོ་དམ་པ་རིགས་བརྒྱ། བདེ་ཆེན་ཞིང་གྲུབ་སོགས་ཀྱི་ཆོས་ཐོག་གི་དབུ་སྒྲུབ་ཁང་འདིར་བཙུགས་སོ།


其後,弘法次第者,如娘(姓氏)傑倉巴卻(殊勝閉關者)所著本院歷史《樂神妙音》中所說:“智成就者天鵝聚集之海島、法政純白名聲之生源、講修清淨河流之源頭。”以白衣髮辮為莊嚴諸持明咒師、以及下部各地密咒眾,聚集於此禪修院,建立八大法行善逝總集、最勝輪迴法界解脫、黑色伏魔獅面佛母、百部殊勝靜猛、大樂刹成就等法會。

སྐབས་ཤིག་ལ་ཕ་རོལ་གྱི་རྒོལ་བ་ངན་པ་འགས་ལྷ་ཁང་ལ་མེ་བཞག་ཀྱང་། གྲིབ་བཙན་ཤ་བའི་དབུ་ཅན་དང་།གཏེར་སྲུང་ལྷ་བཙན་ཆེན་པོ་རྣམ་གཉིས་ཀྱིས་སྲུང་སྐྱོབ་མཛད་དེ་མེས་སྲེག་མ་ནུས་ཞེས་ལྷ་ཁང་གི་དཀར་ཆག་ལས་གསུངས་སོ།།


有一次,幾位邪謗者放火燒佛堂,然由障王夏威烏堅(具鹿首者)及護藏拉贊欽波(大天王)二者救護,火不能燒。此出自寺院記錄之中。


གཞན་ཡང་ནང་དབྱིངས་གཞོན་ནུ་བུམ་སྐུར་གྲོལ་པའི་སྔགས་འཆང་ཀུན་དགའ་སངས་རྒྱས་དང་། འགྲོ་མགོན་ཚོགས་དྲུག་རང་གྲོལ་གྱི་ལྷ་བྲིས་སློབ་དཔོན་ལྷ་བཟོ་བསྟན་པ་དར་རྒྱས་དང། རེབ་གོང་སྔགས་མང་ཕུར་ཐོགས་སྟོང་ལྡན་གྱི་བྱིང་འདྲེན་པ་ཆེན་པོ་སྔགས་འཆང་ཚེ་རིང་དོན་འགྲུབ་དང། ཁྱུང་དགོན་སྐུ་ཕྲེང་ལྔ་བའི་ཡོངས་འཛིན་སྔགས་འཆང་མཁས་པ་གུ་རུའི་མཚན་ཅན་དང། གཞན་ཡང་སྲིད་དོན་ལ་རྣམ་དཔྱོད་ཤིན་ཏུ་ཡངས་པའི་གླིང་རྒྱའི་སྡེ་བརྒྱད་ཅེས་བྱ་བ་ཞིག་ཀྱང་བྱུང།།།།


此外,內界童子寶瓶身解脫之咒師袞嘎桑傑(遍喜佛陀)、眾怙措珠讓卓(六聚自解脫)之畫師丹巴達傑(教法增廣)、熱貢密咒普巴壇城興建者咒師策仁頓珠(長壽義成)、瓊貢(地名)第五世之經師克巴咕如(智者上師),以及精通政務、名為“林嘉(地名)德傑(八部)”者,皆出自本寺。

註:舊寺已毀於戰亂,目前所見為新建。


【贊助匯款方式 : 】


國泰世華銀行:013 復興分行:0187

帳號:018-03-505880-6

戶名:社團法人中華寧瑪文殊協會


敬請參贊者匯後私訊告知參贊者大名、電話、地址,以便寄送收據與福德迴向。


社團法人中華寧瑪文殊協會 CNNMA 敬啟

コメント


bottom of page