【 振興佛教傳統活動 】<2024/11 青海熱貢莫薩咒院普巴閉關大修法會>
- cnnma19782016
- 2024年9月6日
- 讀畢需時 4 分鐘
* <前言>:佛正法有二,謂教證為體;有持說行者,此便住世間。- 俱舍論

現今在某些國家中,佛法的修持和研究面臨來自政治、經濟和社會的挑戰。為了確保偉大的佛教傳承、學派,以及佛陀教法的存續,本會在臺灣、中國等亞洲渴望獲得佛陀教法和復興佛教傳統的國家,探尋護持佛法研究和修持的機會。

許多古老的智慧傳統與傳承正面臨遺失或者中斷的危機。有時候,些許資助即能利益這些傳統的延續和完整保存。

* <熱貢莫薩咒院普巴大修法會>:青海熱貢密咒院 莫薩寺為當代努力培育延續寧瑪派密咒士傳統之翹楚重鎮。每年農曆 10月初皆舉辦 普巴金剛教法閉關大修法會。

本會為協助扶植此傳統之延續,以及照顧參加的孤貧年邁密咒士,每年皆會參贊支持。

在現今這個科技時代看到背著棉被參加法會,以及法會結束後又背著棉被於零下的低溫氣候步行進入山區遊方施身法的實修咒士是多麽的難能可貴。誠邀各位共襄盛舉一同參贊。

༄༅།།མག་གསར་དགོན་རིག་འཛིན་པདྨ་རྣམ་གྲོལ་གླིང་།། 莫薩(地名)寺仁增貝瑪南卓林(持明蓮花解脫洲)簡介:
དེ་ཡང་མག་གསར་པཎྜི་ཏས་རིག་འཛིན་པདྨ་རྣམ་གྲོལ་གླིང་མ་བཏབ་པའི་སྔོན། བོད་རབ་བྱུང་དྲུག་པའི་བགྲང་བྱ་སུམ་ཅུ་བ་མེ་སྤྲེལ་སྤྱི་ལོ ༡༣༥༦ ལོར་མག་གསར་པདྨ་རྣམ་རྒྱལ་ཁ་སེར་གྱི་རིང་ལ་གནས་འདིར་ཁམས་ནས་གདན་དྲངས་པའི་ཐུབ་པའི་གནས་བརྟན་བཅུ་དྲུག་དང་། དབུས་གཙང་ནས་གདན་དྲངས་པའི་ཇོ་སྐུ་བྱིན་རླབས་ཅན། ལྷ་ཀླུ་བཙན་གསུམ་གྱི་བླ་རྡོ་སོགས་རྟེན་འགངས་ཆེན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་གདུག་ཅན་ཀླུ་ཡི་ཁ་གནོན་མཛད། རིམ་བཞིན་ཇེ་རྒྱས་སུ་གྱུར་ནས་མག་གསར་ཐོད་ཀྱི་གཙང་ཁང་དམར་ལྡང་མ་དང་། མག་གསར་མཐིལ་གྱི་ཇོ་ཁང་ཟེར་བའི་སྙན་གྲགས་བྱུང་། །
莫薩(地名)班智達未建造“仁增貝瑪南卓林(持明蓮花解脫洲)”之前,藏曆第六勝生周中第三十年火猴年,即公元1356年,莫薩(地名)貝瑪南嘉喀色(蓮花尊勝黃口)在位,從康地迎請能仁十六尊者,從衛藏迎請具加持力之覺沃(釋迦牟尼)像,以及天、龍、妖三者之神魂石等珍貴所依,匯集一處,壓制惡龍之口。漸次增廣,形成莫薩(地名)上部嘛絳瑪(紅起)內殿,以及莫薩(地名)中心著名釋尊殿。

དེ་རྗེས་མག་གསར་སྔགས་འཆང་ཆེན་པོ་པདྨ་བདུད་འདུལ་ནི། བོད་རབ་བྱུང་དགུ་བའི་མེ་ཕག་སྤྱི་ལོ ༡༥༢༧ ལོར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་སྟེང་ཁམས་ཕྱོགས་སུ་ཕེབས་སྐབས་རྗེ་དྲུང་ཀུན་དགའ་བློ་གྲོས་ཆབ་མདོ་ནས་ཡར་དབུས་གཙང་དུ་ཕེབས་པ་དང་ཞལ་མཇལ། ཁོང་གི་ལུང་བསྟན་བཞིན་བོད་རབ་བྱུང་དགུ་བའི་བགྲང་བྱ་བཞི་བཅུ་བ་མེ་རྟ་སྤྱི་ལོ ༡༥༤༦ ལོར་བླ་མ་རིན་པོ་ཆེ་སྔགས་རམས་པ་དགེ་འདུན་བཀྲ་ཤིས་བླ་མར་བསྟེན་ཏེ་མདོ་ཕྱོགས་སུ་ཐོས་པ་རྒྱ་ཆེར་མཛད། གསར་རྙིང་རིས་མེད་ཀྱི་མཁས་པ་མང་པོའི་མདུན་དབང་ལུང་དུ་མ་གསན། བོད་རབ་བྱུང་དགུ་བའི་ཤིང་གླང་སྤྱི་ལོ ༡༥༦༥ ལོར་ཁོང་དབུས་གཙང་ཕྱོགས་ཀྱི་སྟག་ལུང་དང་། ས་སྐྱ། འབྲི་གུང་། ཕག་གྲུ། སྣར་ཐང་སོགས་སུ་ཕེབས་ནས་ཐོས་བསམ་མཛད། རབ་བྱུང་བཅུ་བའི་ས་བྱི་སྤྱི་ལོ ༡༥༨༨ ལོར་ཕྱིར་རང་ཡུལ་དུ་ཕེབས་ཏེ་མག་གསར་ཐོད་ཁང་དམར་ལྡང་མར་སྒྲུབ་པ་མཛད་མཐར། མག་གསར་གྲུབ་ཐོབ་པ་པདྨ་བདུད་འདུག་ཞེས་པའི་སྙན་གྲགས་བྱུང་། དགུང་ལོ་དོན་བརྒྱད་པ་རབ་བྱུང་བཅུ་བའི་ཤིང་འབྲུག་སྤྱི་ལོ ༡༦༠༤ ལོར་སྐུ་གཤེགས།
其後,莫薩(地名)大咒師貝瑪敦都(蓮花伏魔),於藏曆第九勝生周火豬年,即公元1527年降生。十八歲時,前往康地,爾時傑仲(貴族子弟出家尊稱)袞嘎羅卓(遍喜慧),由昌都(地名)前往衛藏,得以拜見。依其授記,藏曆第九勝生周中第四十年火馬年,即公元1546年,依止阿讓巴(密乘格西)更敦紮西(僧伽吉祥)上師,廣聞顯宗,又於眾多智慧者面前,無偏聽受新舊密宗灌頂、口傳。藏曆第九勝生周木牛年,即公元1565年,前往衛藏方向達隆(地名)、薩迦(地名)、直貢(地名)、帕竹(地名)、納塘(地名)等處廣作聞思。藏曆第十勝生周土鼠年,即公元1588年,返回家鄉,於莫薩(地名)上殿嘛絳瑪(紅起)修持之後,共稱為莫薩(地名)成就者貝瑪敦都(蓮花伏魔)。七十八歲,藏曆第十勝生周木龍年,即公元1604年圓寂。

སྒྲུབ་གནས་འདིའི་མངའ་བདག་གྲུབ་ཐོབ་པ་ཀརྨ་དབང་བོ་མཆོག་ནི། བོད་རབ་བྱུང་བཅུ་བའི་བགྲང་བྱ་ཞེ་བཞི་བའི་ལྕགས་ཁྱི་སྤྱི་ལོ ༡༦༡༠ ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་ཡི་གེ་སྦྱོར་ཀློག་སོགས་ཚེགས་མེད་དུ་མཁྱེན། དགུང་ལོ་ཉེར་གསུམ་པ་རབ་བྱུང་བཅུ་གཅིག་པའི་བགྲང་བྱ་དྲུག་པ་ཆུ་སྤྲེལ་སྤྱི་ལོ ༡༦༣༢ ལོར་དབུས་སུ་ཕེབས་ཏེ་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོའི་མདུན་དབང་ལུང་རྗེས་གསུམ་དང་ཐོས་བསམ་རྒྱ་ཆེར་མཛད།
此修行處之領主大成就者噶瑪旺波(事業自在),於藏曆第十勝生周中第四十四年金狗年,即公元1610年降生。八歲時,輕易通達文字拼讀等。二十三歲,藏曆第十一勝生周中第六年水猴年,即公元1632年,前往衛地,於眾多無有偏見智者尊前,聽受灌頂、口傳及引導,並廣作聞思。

དགུང་ལོ་དོན་ལྔ་བ་རབ་བྱུང་བཅུ་གཅིག་པའི་ཤིང་བྱི་སྤྱི་ལོ ༡༦༨༤ ལོར་ཕྱིར་རང་ཡུལ་དུ་ཕེབས་ཏེ་མིག་གསར་ཐོད་བཀྲ་ཤིས་མཆོད་རྟེན་ཤར་ཀྱི་གཙང་ཁང་དམར་ལྡང་མ་དང་། མག་གསར་མཐིལ་གྱི་ཇོ་ཁང་གཉིས་ཅུང་ཉམས་དམས་སུ་སོང་ཡོད་པ་སླར་གསོ་མཛད་དེ། སྔོན་གྱི་ཐུབ་པའི་གནས་བརྟན་བཅུ་དྲུག་དང་། ཇོ་སྐུ། ཐུགས་རྗེ་ཆེན་པོའི་བརྒྱ་ཐང་། འཇམ་དབྱངས་བརྒྱ་ཐང་ལོགས་བྲིས་ཅན། བཀའ་གདམས་ལྷ་བཞིའི་གྱན་ཐང་། རྗེ་སྐུ་བརྒྱ་ཐང་གྱན་གང་བ། སྒྲོལ་མ་དཀར་སྔོན་གཉིས་ཀྱི་བྲིས་ཐང་། རྒྱ་གར་ཤར་ལི་ལས་གྲུབ་པའི་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་འདྲ་ཁྲི་ཚད་ཅན་བརྒྱད་སོགས་བཞེངས་བཀོད་དང་གདན་དྲངས་ཏེ་གཙང་ཁང་དང་ཇོ་ཁང་གཉིས་སུ་བཞུགས་སུ་གསོལ། གཞན་ཧོར་མིག་དམར་གྲུབ་ཐོབ་པའི་རྟེན་གྱི་གཙོ་བོ་ཕུར་པ་དང་། ཧོར་མིག་དམར་རྡོ་རྗེ་གྲོ་ལོད་ཀྱི་སྲས་མོ་བསྟན་འཛིན་ཆོས་འཕེལ་སྒྲོལ་མ་ལ་ལྷས་གནང་བའི་ལྷ་ཀླུ་བཙན་གསུམ་གྱི་བླ་རྡོ་མག་གསར་ཚེ་བརྟན་རྒྱལ་ཚང་ནས་གཙང་ཁང་དུ་གདན་དྲངས། དགོན་དེར་སྒྲུབ་པ་ཉམས་ལེན་ལ་གཞོལ་ཏེ་ལོ་བདུན་ལྷག་ཙམ་ལ་བཞུགས།
七十五歲,藏曆第十一勝生周中木鼠年,即公元1684年,返回家鄉。莫薩(地名)上部吉祥塔東邊之嘛絳瑪(紅起)內殿,以及莫薩(地名)中心釋尊殿,皆有破損,故作整修。以前之能仁十六尊者像,覺沃(釋迦牟尼)像,百尊大悲觀音唐卡,百尊文殊壁畫,噶當四本尊畫像,百尊蓮師唐卡,白度母及綠度母畫像,印度東部響銅所製具有寶座之二聖六莊嚴像等,悉皆迎請安放於內殿及釋尊殿。另外,霍爾(地名,藏北蒙古區域)彌瑪(赤眼)成就者之所依主尊普巴(鐝),霍爾(地名,藏北蒙古區域)彌瑪(赤眼)多傑卓洛(金剛忿怒)之女丹增曲佩卓瑪(持教法增度母),其由本尊所賜之天、龍、妖三者之神魂石,由莫薩(地名)策丹嘉倉(長壽勝殿)迎請至內殿。複於彼寺一心專修長達七年多。

བོད་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་དྲུག་པ་ཆུ་སྤྲེལ་སྤྱི་ལོ ༡༦༩༢ ལོར་བདེ་ཆེན་ཆོས་སྡིངས་རི་ཁྲོད་གདན་ས་སྤོར་གནང་མཛད་པའི་སྐབས་ཀརྨ་དབང་བོ་མཆོག་གིས་བདག་རྐྱེན་སྦྱར་ཏེ་བདེ་ཆེན་བཀྲ་ཤིས་ཆོས་གླིང་གསར་འདེབས་མཛད་དགོན་དེའི་རྟེན་གཙོར་ཇོ་སྐུ་ལུས་ཚད་དང་། འདུ་ཁང་དང་མཆོད་ཁང་། བདེ་མཆོག་གི་བློས་བསླངས། ལྟུང་བཤགས་ལྷ་སོ་ལྔ། ཉེ་བའི་སྲས་ཆེན་བརྒྱད་ཀྱི་གྱན་ཐང་སོགས་བཞེངས་བཀོད་བསམ་གྱིས་མི་ཁྱབ་པ་མཛད་ནས། དགོན་པ་དེར་སེ་ར་རྗེ་བཙུན་པའི་ཕྱག་ལེན་མ་ནོར་བར་བཙུགས། བདེ་ཆེན་གར་དབང་རྩོལ་ཞེས་མཚན་སྙན་ཕྱོགས་སུ་ཁྱབ། མཐར་བོད་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་བཅུ་བདུན་པ་ཆུ་ལུག་སྤྱི་ལོ ༡༧༠༣ ལོར་དགུང་ལོ་གོ་གསུམ་བཞེས་པའི་ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །
藏曆第十二勝生周中第六年水猴年,即公元1692年,德欽曲頂日陲(大樂法臺山林)寺遷址時,噶瑪旺波(事業自在)廣作增上緣,於新建之德欽紮西曲林(大樂吉祥法洲)寺,安立主要所依覺沃(釋迦牟尼)等身像,建立大殿和供堂,塑造勝樂立體壇城,雕塑菩薩墮懺之三十五佛像,以及八大菩薩像等。後來,又於彼寺如實建立色拉(寺名)傑尊巴(至尊)修持傳軌。以“德欽嘎旺擇(大樂舞自在力)”之美名而普聞。藏曆第十二勝生周中第十七年水羊年,即公元1703年,九十三歲,示現圓寂,融入法界。

དེའི་སྤྲུལ་སྐུ་ཀརྨ་ལྷུན་གྲུབ་མཆོག་ནི། བོད་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་བཅོ་བརྒྱད་པ་ཤིང་སྤྲེལ་སྤྱི་ལོ ༡༧༠༤ ལོར་སྐུ་འཁྲུངས། དགུང་ལོ་བཅུའི་སྟེང་ནས་བདེ་ཆེན་བཀྲ་ཤིས་ཆོས་གླིང་དགོན་པའི་ཆོས་གྲྭར་ཞུགས། དགུང་ལོ་ཉེར་གཉིས་སྟེང་དབུས་སུ་ཕེབས་ཏེ་ཁྲི་གྲགས་པ་དཔལ་ལྡན། ཟམ་ཚ་ངག་དབང་ནམ་མཁའ་སོགས་བླ་མར་བསྟེན་ཏེ་མཁས་པའི་ཕ་རོལ་ཏུ་སོན། དགུང་ལོ་ང་བརྒྱད་པར་ཕྱིར་གདན་སར་འབྱོར། དགུང་ལོ་དོན་བདུན་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་སྤྱི་ལོ ༡༧༨༠ ལོར་སྐུ་གཤེགས། །
彼之轉世為噶瑪倫珠(事業任運),藏曆第十二勝生周中第十八年木猴年,即公元1704年降生。十歲後,入德欽紮西曲林(大樂吉祥法洲)寺法席。二十二歲,前往衛地,依止赤紮巴(普聞寶座)貝丹(吉祥)、桑嚓(地名尊稱)阿旺南開(語自在虛空)等上師,到達智者彼岸。五十八歲,返回本寺。七十七歲,藏曆第十三勝生周金鼠年,即公元1780年圓寂。

【 贊助匯款方式 : 】
國泰世華銀行:013 復興分行:0187
帳號:018-03-505880-6
戶名:社團法人中華寧瑪文殊協會
敬請參贊者匯後私訊告知參贊者大名、電話、地址,以便寄送收據與福德迴向。
社團法人中華寧瑪文殊協會 CNNMA 敬啟
Comments